ཁྲ་རམ་གྱིས་སུ་སེན་ཐྷོན་ཊན་ཤར་ཨེ་ཤི་ཡེའི་ལས་དོན་གྱི་འགན་འཛིན་ལ་བསྐོ་གཞག

Your browser doesn’t support HTML5

ཨ་མི་རི་ཀའི་སྲིད་འཛིན་ཌཱོ་ནལྜ་ཁྲ་རམ་གྱིས་ཨ་རིའི་ཕྱི་སྲིད་ཁང་གི་ནང་ལས་གནས་གལ་ཆེ་མང་པོ་ཞིག་གི་ཐོག་མི་སྣ་བསྐོ་གཞག་མ་བྱས་པར་རྒྱུན་རིང་སོང་བའི་རྗེས་སུ་མཐར་ རེས་གཟའ་མིག་དམར་ཉིན་ ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་ཐད་ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་སུ་ལྕམ་སུ་སེན་ཐྷོན་ཊན་བསྐོ་གཞག་བྱ་རྒྱུའི་མིང་འདོན་གནང་ཡོད་པ་དང་ ཁོང་ནི་ཕྱི་སྲིད་ཁང་གི་ནང་ལས་གནས་འདྲ་མིན་གྱི་ཐོག་འགན་འཁུར་བཞེས་ཏེ་ལོ་བཅུ་ཕྲག་གཉིས་ལྷག་འགྲོ་མཁན་གྱི་ཕྱི་འབྲེལ་མི་སྣ་ཉམས་མྱོང་ཅན་ཞིག་ཡིན་པའི་སྐོར་