ཁྲ་རམ་གྱིས་བྱང་ཀོ་རི་ཡ་ནི་བཟང་སྤྱོད་ལྡན་པའི་སྤྱི་ཚོགས་ལ་ཉེན་ཁ་ཆེ་ཤོས་དེ་རེད་ཅེས་གསུངས།

ཨ་རིའི་སྲིད་འཛིན་ཌོ་ནལྜ་ཁྲ་རམ་གྱིས་བྱང་ཀོ་རི་ཡས་ཨ་རི་དང་དེའི་མཐུན་ཕྱོགས་རྒྱལ་ཁབ་ཚོར་སྡིག་བསྐུལ་བྱེད་ཀྱི་ཡོད་པ་དེ་བདག་མེད་འཇོག་ཐབས་གཏན་ནས་མེད་ཅེས་གསུངས་འདུག་པ་དང་། དེ་ཡང་རེས་གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལྜ་ ཁྲ་རམ་དང་ཉི་འོང་གི་སྲིད་བློན་གཉིས་ལྷན་དུ་གསར་འགོད་ལྷན་ཚོགས་གནང་སྐབས་སྲིད་འཛིན་ཁྲ་རམ་གྱིས་གསུངས་དོན་ལ་ བྱང་ཀོ་རི་ཡ་ནི་ཡ་རབས་བཟང་སྤྱོད་ལྡན་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་ཉེན་ཁ་ཆེ་ཤོས་དེ་རེད་ཅེས་གསུངས་འདུག

Your browser doesn’t support HTML5

ཁྲ་རམ་གྱིས་བྱང་ཀོ་རི་ཡ་ནི་བཟང་སྤྱོད་ལྡན་པའི་སྤྱི་ཚོགས་ལ་ཉེན་ཁ་ཆེ་ཤོས་དེ་རེད་ཅེས་གསུངས།