ཡུན་རིང་མི་འགོར་པར་བྱང་ཀོ་རི་ཡའི་འཕུར་མདེལ་ཨ་རི་སྙོབ་རྒྱུ།

Your browser doesn’t support HTML5

༢༠༡༦ གི་མགོ་སྟོད་ནས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱ་རྒྱུ་མཚམས་འཇོག་བྱས་མེད། ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གིས་བྱང་ཀོ་རི་ཡས་སླར་ཡང་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱ་རྒྱུའི་རྟགས་མཚན་འདུག གཅིག་བྱས་ན་ཕྱི་ཟླ་༧་ཚེས་༢༧་ཉིན་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱ་སྲིད། ཅིའི་ཕྱིར་ཞེ་ན་ཕྱི་ཟླ་༧་ཚེས་༢༧་ནི་དེ་སྔ་༡༩༥༣་ལོར་ཀོ་རི་ཡའི་དམག་འཁྲུག་བར་མཚམས་འཇོག་རྒྱུའི་གྲོས་མཐུན་བྱུང་ནས་ལོ་༦༤་འཁོར་པའི་དུས་དྲན་ཡིན།