དྭང་བླངས་ཞབས་ཞུ་སྒྲུབ་པའི་ཐོག་ནས་ནྷེལ་སེན་མཱན་ཌཱ་ལའི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་པ།

Your browser doesn’t support HTML5

ལྷོ་ཨ་ཕྷི་རི་བ་རྣམས་ཀྱིས་སྲིད་འཛིན་ནྷེལ་སེན་མཱན་ཌཱ་ལ་དམ་པ་དེ་ཉིད་གུང་གྲངས་༩༩ ལ་ཕེབས་པའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོར་ དུས་ཡུན་སྐར་མ་༦༧ཀྱི་རིང་ལ་གཞན་ཕན་གྱི་ལས་དོན་ག་རེ་ཡིན་ཡང་ཞིག་སྒྲུབ་པའི་ཐོག་ནས་ སྲིད་འཛིན་དམ་པ་དེའི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་ཡོད་པའི་སྐོར་ འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཨཱ་ནི་ཏཱ་ པ་ཝལ་གྱིས་ལྷོ་ཨ་ཕྷི་རི་ཀ་ནས་སྤེལ་བའི་གནས་ཚུལ་དེ་ དཔལ་མོ་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།