སོག་ཡུལ་གྱི་སྲིད་འཛིན་འདེམས་ཐོན་པར་སྲིད་སྐྱོང་མཆོག་གིས་འཚམས་འདྲི།

Your browser doesn’t support HTML5

སྐུ་ཞབས་སྐལ་ཊཱ་མཱ་ བྷ་ཏུལ་གྷ་སོག་ཡུལ་གྱི་སྲིད་འཛིན་གསར་པར་འདེམས་ཐོན་བྱུང་བར་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཚམས་འདྲི་བཀྲིས་བདེ་ལེགས་ཞུས་གནང་བ་དང་འབྲེལ་ སོག་ཡུལ་དང་བོད་གཉིས་ནི་ ཆོས་དང་ རིག་གཞུང་ དེ་བཞིན་ ལོ་རྒྱུས་བཅས་ཀྱི་འབྲེལ་བ་བཟང་པོ་རྒྱུན་རིང་ནས་ཡོད་པ་ཞིག་ཡིན་པ་དེས་ ཕྱོགས་གཉིས་ཀར་དུས་རབས་བརྒྱ་ཕྲག་བརྒལ་བར་ཕན་རླབས་ཆེན་པོ་བྱུང་ཡོད་ཅེས་གསུངས་ཡོད་པའི་སྐོར་