བྱང་ཀོ་རི་ཡས་གླིང་ཕྲན་གཅིག་ནས་གཞན་ལ་འཕེན་ཐུབ་པའི་མེ་ཤུགས་འཕུར་མདེལ་ཚོད་ལྟ།

རེས་གཟའ་མིག་དམར་ཉིན་བྱང་ཀོ་རི་ཡས་གླིང་ཕྲན་གཅིག་ནས་གཞན་ལ་འཕེན་ནུས་པའི་མེ་ཤུགས་འཕུར་མདེལ་གྱི་ཚོད་ལྟ་ལམ་ལྷོང་ལྡན་པར་བྱས་པ་ཡིན་ཞེས་གསལ་བསྒྲགས་བྱས་འདུག་པ་དང་། མཁས་པ་ཚོས་བརྗོད་ན་ བར་སྣང་ལ་འཕེན་ནུས་པའི་མེ་ཤུགས་འཕུར་མདེལ་དེ་ཨ་རིའི་མངའ་སྡེ་ཨ་ལས་ཀར་སྙོབ་ཐུབ་ཀྱི་རེད་ཅེས་འགྲེལ་བརྗོད་བྱས་འདུག ཨ་རིའི་སྲིད་འཛིན་ཌོ་ནོལ་ཁྲ་རམ་གྱིས་བྱང་ཀོ་རི་ཡའི་བྱེད་སྟངས་ལ་སྐྱོན་བརྗོད་ཤུགས་ཆེར་གནང་འདུག་ཀྱང་། རྒྱ་ནག་གིས་ཚང་མས་ཞི་འཇམ་དང་ཚོར་སྣང་སྟངས་འཛིན་བྱེད་དགོས་པའི་འབོད་བསྐུལ་བྱས་འདུག

Your browser doesn’t support HTML5

བྱང་ཀོ་རི་ཡས་གླིང་ཕྲན་གཅིག་ནས་གཞན་ལ་འཕེན་ཐུབ་པའི་མེ་ཤུགས་འཕུར་མདེལ་ཚོད་ལྟ།