རི་ཆར་ཌི་གྷིར་གྱིས་འགོ་ཁྲིད་དེ་ཨ་རིའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཞུ་སྐུལ་གནང་བ།

Your browser doesn’t support HTML5

ཨ་རིའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཆེད་དུ་ཞུ་སྐུལ་གྱི་ལས་འགུལ་ཞིག་ཉིན་གཉིས་རིང་སྤེལ་བའི་སྐབས་ཨ་རིའི་གཞུང་གསར་པས་སྔར་ཡོད་ཀྱི་བོད་དོན་རྒྱབ་སྐྱོར་རྒྱུན་འཁྱོངས་ཡོང་བ་མ་ཟད། ལས་དོན་ཁག་གི་ཐོག་སྔར་ལས་ལྷག་པ་ཡོང་བའི་སྐུལ་མ་ཞུས་སྐོར་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་གནང་གི་རེད།