སིང་ག་པུར་གྱི་དབང་འཛིན་ཁྱིམ་ཚང་གི་སྤུན་མཆེད་ཚོའི་འགལ་ཟླ།

Your browser doesn’t support HTML5

སིང་ག་པུར་གསར་འཛུགས་པ་སྟེ། ལི་ཀྭང་ཡའོ་འདས་གྲོངས་སུ་གྱུར་པའི་རྗེས་སུ་བུ་རྒན་པ་ལི་ཞན་ལུང་སིང་ག་པུར་གྱི་སྲིད་བློན་ལ་བསྐོ་བཞག་བྱས་པ་དང་། སིང་ག་པུར་གྱི་རྒྱལ་ཁབ་དེ་ཉིད་ལི་ཁྱིམ་ཚང་གིས་དབང་སྒྱུར་བྱས་ནས་འགོ་ཁྲིད་གཞན་པ་གཅིག་ཀྱང་འདེམས་བསྐོ་བྱ་ཐུབ་མེད་ཅིང་། ད་ལྟ་ལི་ཀྭ་ཡའོ་ཡི་བུ་ཕྲུག་ཚོ་མ་འཆམ་པར་ནང་འགལ་བྱུང་སྟེ། ལི་ཞན་དབྱང་དང་སྲིང་མོ་ལི་ཝེ་ལིང་གཉིས་གཅེན་པོ་ལི་ཞན་ལུང་གི་རྒྱལ་ཁབ་འཛིན་སྐྱོང་དང་མི་དམངས་ལ་འགོ་ཁྲིད་བྱེད་སྟངས་དེར་ཡིད་ཆེས་བརླགས་སོང་།