རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་མཁན་ཞིག་བཙོན་གྲོལ་བཏང་འདུག

Your browser doesn’t support HTML5

སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོའོ་ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་ཐོག་ལ་འཛིན་བཞིན་པའི་ལུགས་མཐུན་མིན་ཞིང་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་གྱི་རྔ་བ་ཀི་རྟི་དགོན་པའི་དགེ་འདུན་པ་བློ་བཟང་རྒྱ་མཚོ་ལགས་ལོ་ལྔ་དང་ཟླ་བ་གསུམ་གྱི་རིང་ལ་སི་ཁྲོན་ཞིང་ཆེན་ཏི་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་ནས་ད་ལྟ་བཙོན་གྲོལ་བཏང་ཡོད་པའི་གནས་ཚུལ་དཀོན་མཆོག་དོན་གྲུབ་ནས་ངོ་སྤྲོད།