རྒྱ་ནག་གིས་ཐའེ་ཝན་གྱི་ཡུལ་མི་འཛིན་བཟུང་བྱས་རྐྱེན་འབྲེལ་ལམ་ལ་ཤུགས་རྐྱེན།

Your browser doesn’t support HTML5

རྒྱ་ནག་གིས་ཐའེ་ཝན་གྱི་ཡུལ་མི་འཛིན་བཟུང་བྱས་རྐྱེན་འབྲེལ་ལམ་ལ་ཤུགས་རྐྱེན།

རྒྱ་ནག་གཞུང་ནས་ཐའེ་ཝན་གྱི་ཡུལ་མི་ལིའི་མིང་ཌལ་འཛིན་བཟུང་བྱས་པའི་རྗེས་སུ་གནད་དོན་དེས་རྒྱ་ནག་དང་ཐའེ་ཝན་གྱི་འབྲེལ་བའི་ཐོག་ལ་ཤུགས་རྐྱེན་འཐེབ་བཞིན་ཡོད་པ་དང་གཟའ་འཁོར་འདིའི་ནང་ཨ་རིའི་དབུ་ཁྲིད་ཟུར་པ་དང་མཁས་པ་སོགས་མི་སྣ་༤༤ཡིས་མཉམ་འབྲེལ་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་ཕྱག་ཡིག་ཞིག་འབུལ་ནས་ཐའེ་ཝན་གྱི་ཡུལ་མི་དེ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད་ རྒྱ་ནག་གཞུང་ནས་ཐའེ་ཝན་གྱི་ཡུལ་མི་ལིང་འཛིན་བཟུང་བྱས་པར་ངོས་ལེན་དང་དེ་ཡང་ཁོང་ནས་རྒྱ་ནག་གི་བདེ་འཇག་ལ་གནོད་པའི་གནས་ཚུལ་བརྡ་འཕྲིན་ཐོག་ལ་ཁྱབ་སྤེལ་བྱས་ཡོད་ལུགས་ཉེས་འཛུགས་བྱས་ཡོད་པ་རེད།