བལ་ཇིམ་དང་དབྱིན་ཡུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་གསུམ་བཅུའི་དུས་དྲན་སྲུང་བརྩི།

Your browser doesn’t support HTML5

སྤྱི་ཟླ་གསུམ་པའི་ཚེས་ ༡༠ ཉིན་དེ་ནི་བོད་མིས་རྒྱ་ནག་གི་བཙན་འཛུལ་ལ་ཞི་རྒོལ་ཆེད་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཞིག་ཡིན་པར་བརྟེན་དེ་རིང་གསུམ་བཅུའི་དུས་དྲན་ཐེངས་༥༨་ཉིན་བོད་མི་གནས་ཡུལ་འཛམ་གླིང་ཕྱོགས་མཐའ་ཡོངས་ནང་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་ལྟར་ཡོ་རོབ་ཀྱི་ཡུལ་གྲུ་བལ་ཇིམ་དང་ངབྱིན་ཇི་རྒྱལ་ས་་ལོན་ཌོན་ནང་དུ་ཡང་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པའི་སྐོར་རྒྱལ་མཚན་ཚེ་རིང་ལགས་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་པའི་གནས་ཚུལ་ཞིག་གསན་གྱི་རེད།