རྒྱ་ནག་གིས་བྱང་ཀོ་རི་ཡ་ནས་རྡོ་སོལ་ནང་འདྲེན་བྱ་རྒྱུ་མཚམས་འཇོག

Your browser doesn’t support HTML5

རྒྱ་ནག་གིས་བྱང་ཀོ་རི་ཡ་ནས་རྡོ་སོལ་ནང་འདྲེན་བྱ་རྒྱུ་མཚམས་འཇོག

ཉེ་ཆར་མ་ལེ་ཞི་ཡའི་རྒྱལ་ས་ཀོ་ལ་ལན་པུར་རྒྱལ་སྤྱིའི་གནམ་ཐང་དུ་བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད། ཀིམ་ཇུང་ཨུན་དང་ཕ་གཅིག་མ་གཅིན་མིན་པའི་ཕུ་བོ་སྟེ། ལོ་ན་༤༥་ལ་སོན་པའི་ཀིམ་ཇུང་ནམ་བུད་མེད་གཉིས་ཀྱིས་ལྐོག་གསོད་བྱས་པ་དང་། རྒྱལ་སྤྱིའི་ཐོག་ཏུ་ཀིམ་ཇུང་ནམ་ལྐོག་གསོད་བྱས་པའི་ལན་ཁག་མཐའ་དག་བྱང་ཀོ་རི་ཡའི་གཞུང་ལ་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་ཅིང་། ད་ལྟ་རྒྱ་ནག་གིས་བྱང་ཀོ་རི་ཡ་ནས་རྡོ་སོལ་ནང་འདྲེན་བྱ་རྒྱུ་མཚམས་འཇོག་བྱས་ཏེ། བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པ་དང་། ཀིམ་ཇུང་ནམ་ལྐོག་གསོད་བྱས་པ་བཅས་ལ་རྒྱ་ནག་གཞུང་གིས་མ་དགའ་བའི་རྣམ་འགྱུར་དྲག་པོ་བསྟན་འདུག