དུས་འཁོར་དབང་ཆེན་གྱི་ཆོས་ཞུ་བ་ཕྱིར་ལོག་བྱེད་མཁན་ཁག་ཅིག་གི་ལག་འཁྱེར་བེད་མེད་བཟོས་པ།

Your browser doesn’t support HTML5

དུས་འཁོར་དབང་ཆེན་གྱི་ཆོས་ཞུ་བ་ཕྱིར་ལོག་བྱེད་མཁན་ཁག་ཅིག་གི་ལག་འཁྱེར་བེད་མེད་བཟོས་པ།

རྒྱ་ནག་གཞུང་གིས་དུས་འཁོར་དབང་ཆེན་ཞུས་ཏེ་ཕྱིར་ལོག་བྱེད་མཁན་གྱི་བོད་མི་ཚོར་ཉེན་བརྡ་སྔོན་ནས་བཏང་པ་ལྟར་དམ་བསྒྲགས་བྱེད་བཞིན་འདུག་པས། དུས་དབང་ཞུས་ཏེ་ཕྱིར་ལོག་བྱེད་མཁན་བོད་མི་ཁག་ཅིག་གི་ཕྱི་སྐྱོད་ལག་འཁྱེར་རྒྱ་ནག་གྲན་རྡུ་གནམ་ཐང་གི་འགག་སྒོ་ནས་བེད་སྤྱོད་མེད་པ་བཟོས་པ་མ་ཟད། དེ་མིན་གནམ་ཐང་གི་འགག་སྒོ་ནས་ཀྱང་དེ་ལྟར་བྱས་ཤིང་། ཉེས་པ་ཡང་བཏང་ཡོད་པའི་སྐོར་གྱི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།