ཇོ་ནང་ཆོས་རྒྱུད་ལ་ཐོབ་ཐང་གཅིག་མཚུངས་ཡོང་བའི་ཞུ་འབོད།

Your browser doesn’t support HTML5

འདི་ཟླའི་ཚེས་༡དང་ཚེས་༢ཉིན་གཉིས་རིང་གནས་མཆོག་རྡོ་རྗེ་གདན་དུ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཇོ་ནང་ཆོས་རྒྱུད་ཀྱི་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པ་དེ་སྐོང་ཚོགས་གནང་ཡོད་ཅིང་། ལྷན་ཚོགས་དེའི་ཐོག་བཙན་བྱོལ་བོད་མིའི་གཞུང་འབྲེལ་གྱི་ཡིག་ཆ་ཁག་ལ་བསྐྱར་བཅོས་ཐོག་ཇོ་ནང་ཆོས་རྒྱུད་ལ་ཆོས་ལུགས་གཞན་ལྟར་ཐོབ་ཐང་གཅིག་མཚུངས་ཡོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་སྐོར་