བོད་པའི་བླ་སྤྲུལ་གྱི་ཡང་སྲིད་དང་འབྲེལ་བའི་གཏམ་བརྗོད་ཞིག་ལ་གཟེངས་རྟགས་གསུམ་ཐོབ་ཡོད་པ།

Your browser doesn’t support HTML5

བོད་པའི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་དང་འབྲེལ་བའི་ནུབ་ཕྱོགས་ཀྱི་གཏམ་བརྗོད་ཞིག་ལ། གཏམ་བརྗོད་རྩེ་ཕུད་ཀྱི་གཟེངས་རྟགས་གསུམ་ཐོབ་ཡོད་པའི་གནས་ཚུལ་ཐོན་འདུག བུ་རྒན་ཤོས་ཞེས་པའི་གཏམ་བརྗོད་ནང་འཁྲབ་སྟོན་གནང་མཁན་གཙོ་བོ་དང་། སློབ་སྟོན་གནང་མཁན་ཚེ་རིང་རྡོ་རྗེ་ལགས་ལ་ཡང་གཟེངས་རྟགས་ཞིག་ཐོབ་ཡོད་འདུག ད་ཕན་གཏམ་བརྗོད་དེ་ཨ་རིའི་གྲོང་ཁྱེར་ཁག་ལྔ་ཙམ་གྱི་ནང་ཐེངས་༢༢༥ ཙམ་འཁྲབ་སྟོན་གནང་ཡོད་པ་རེད།