ཡེ་ཤེས་ཆོས་སྒྲོན། ཇ་ཝ་ཧར་ལལ་ ནཱེ་ཧ་རུ་གཙུག་ལག་སློབ་གྲྭའི་སློབ་དཔོན།

Your browser doesn’t support HTML5

ཇ་ཝ་ཧར་ལལ་ ནཱེ་ཧ་རུ་གཙུག་ལག་སློབ་ཁང་དུ་སློབ་ཁྲིད་གནང་བཞིན་སློབ་དཔོན་ཡེ་ཤེས་ཆོས་སྒྲོན་ལགས་ཀྱིས་དེབ་གསུམ་ཙམ་རྩོམ་བྲིས་གནང་ཡོད་པ་མ་ཟད། རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས་འདུ་མང་པོར་མཉམ་ཞུགས་གནང་ཡོད། རྒྱ་གར་གྱི་གཙུག་ལག་སློབ་ཁང་འཛིན་སྐྱོང་ལྷན་ཚོགས་ཀྱིས་མདུན་ལམ་གཟེངས་རྟགས་ཐོབ་མཁན་སློབ་དཔོན་ཡེ་ཤེས་ཆོས་སྒྲོན་ལགས་ཀྱིས་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་དང་རྒྱ་དཀར་ནག་གཉིས་ལ་གལ་ཆེའི་འགྱུར་བ་འགྲོ་དགོས་སྐོར་འགྲེལ་བརྗོད་གནང་གི་འདུག