མི་མང་ལྷ་དཀར་གྱིས་ཨ་རིའི་བརྙན་འཕྲིན་ལས་ཁང་ཞིག་ལ་ལྷ་དཀར་ངོ་སྤྲོད་གནང་ཡོད།

Your browser doesn’t support HTML5

ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ལ་ཡོད་པའི་མི་མང་ལྷག་དཀར་ཚོགས་པས་ཨ་རིའི་བརྙན་འཕྲིན་སི་བྷི་ཨེས་ལ་ལྷག་དཀར་ངོ་སྤྲོད་གནང་ཡོད་པས། ཚོགས་པ་དེས་འདས་པའི་ལོ་ངོ་གསུམ་ཙམ་རིང་རྟག་ཏུ་རེས་གཟའ་ལྷག་པའི་ཉིན་བོད་ཡིག་དང་བོད་སྐད་སྦྱངས་ཤིང་། བོད་གཞས་འཁྲབ་པ་དང། བོད་ཟས་མཆོད་པ། བོད་ཆས་གྱོན་པ་སོགས་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་གནང་བཞིན་ཡོད་སྐོར་གྱི་གནས་ཚུལ་ཞིག་གསན་རོགས་གནང་།