རྒྱ་ནག་ལ་བྲིས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བསྒྲགས་གཏམ།

Your browser doesn’t support HTML5

བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གིས་ཀྲུང་གོའི་བོད་ཀྱི་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཟེར་བ་ཞིག་ཚོགས་ཡོད་པ་དང་། དེའི་དམིགས་ཡུལ་གཙོ་བོ་རྒྱ་ནག་གིས་བོད་ཐོག་ལ་བཟུང་བའི་ཆབ་སྲིད་དང་རིག་དངོས་སྲུང་སྐྱོབ། དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་སྲིད་ཇུས་ལ་གྲུབ་འབྲས་ཐོན་པ་དྲིལ་བསྒྲགས་བྱེད་ཆེད་ཡིན་པ་ལས། ས་གནས་བོད་མིར་ཁེ་ཕན་གང་ཡང་མེད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འགྲེལ་བརྗོད་གནང་སྐོར་ཚེ་རིང་སྐྱིད་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།