༧གོང་ས་མཆོག་ནས་ལ་དྭགས་ནང་སྤྱོད་འཇུག་གི་གསུང་ཆོས་དབུ་འཛུགས་མཛད་པ།

Your browser doesn’t support HTML5

༧གོང་ས་མཆོག་ནས་ལ་དྭགས་ནང་སྤྱོད་འཇུག་གི་གསུང་ཆོས་དབུ་འཛུགས་མཛད་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འདི་ཟླའི་ཚེས་༡༨ཉིན་མོ་ལ་དྭགས་ནང་དད་ལྡན་ཆོས་ཞུ་བ་སྟོང་ཚོ་དྲུག་ཙམ་ལ་ ལ་དྭགས་ཀྱི་རྒྱལ་ས་སླེ་རུ་ཡོད་པའི་ཞི་བའི་ཚལ་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་དང་གསུང་ཆོས་དེ་ཉིན་བཞིའི་འཆར་གཞི་ཡིན་ཞིང་ཉིན་མཐའ་མ་ཕྱི་ཚེས་ ༢༡ ཉིན་སྤྱན་རས་གཟིགས་ཀྱི་དབང་བསྩལ་རྒྱུ་ཡིན་པ་རེད།