དྲག་རྩལ་པ་བསྟན་འཛིན་ངག་དབང་།

Your browser doesn’t support HTML5

བསྟན་འཛིན་ངག་དབང་ལགས་རྒྱ་གར་ཨ་སམ་ནང་སྐྱེས་རྗེས་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ནང་གཞི་རིམ་སློབ་སྦྱོང་བྱས་ཡོད་པ་དང་། ལོ་བཅུ་གཅིག་སོན་སྐབས་ཨ་རིའི་བོད་མི་ཆིག་སྟོང་གཞིས་ཆགས་ལས་འཆར་ཁོངས་འབྱོར་རྗེས་འབྲིང་རིམ་སློབ་གྲྭ་མཐར་སོན་བྱུང་། འབྲིང་རིམ་སློབ་གྲྭ་ཐོན་མ་ཐག་དྲག་རྩལ་ལ་དོ་དབྱིངས་ཆེ་བས་ནིའུ་ཡོག་གྲོང་ཁྱེར་ནང་ཨོམ་ནི་དྲག་རྩལ་སློབ་གླིང་ནང་ཆེད་གཉེར་སློབ་སྦྱོང་གནང་འདུག་ཅིང་། ད་བར་འགྲན་སྡུར་གཉིས་ལ་རྒྱལ་ཁ་དང་གཅིག་ལ་ཕམ་ཉེས་བྱུང་འདུག