རྒྱ་ནག་གི་དམག་སྤྱི་ཟུར་པ་ཚེ་བཙོན་དུ་བཅུག་པ།

Your browser doesn’t support HTML5

སྤྱི་ཟླ་༧ཚེས་༢༥དང་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་དམག་དོན་ཁྲིམས་ཁང་གིས་རྒྱ་ནག་བཅིངས་འགྲོལ་དམག་གི་དམག་སྤྱི་གཞོན་པ་ཟུར་པ་ཀཱོ་པོ་ཞོན་ལ་གྱོད་དོན་ཁྲིམས་བཤེར་བྱས་རྗེས་ཁོ་པས་དབང་ཆ་དང་གོ་གནས་བེད་སྤྱོད་བྱས་ཏེ་ལྐོག་རྔན་ལེན་པའི་ནག་ཉེས་ཐོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་སྒེར་གྱི་རྒྱུ་ནོར་གཞུང་བཞེས་བྱ་རྒྱུ་མ་ཟད། ད་དུང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་རྒྱུའི་གསལ་བསྒྲགས་བྱས་འདུག