ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་རྣམས་ཀྱིས་༧གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་པ།

Your browser doesn’t support HTML5

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གཟའ་ཉི་མའི་ཉིན་གྱི་ཕྱི་དྲོར་ཨ་རིའི་རྒྱལ་སར་ཞབས་སོར་བདེ་བར་འཁོད་དེ། ཕྱི་ཟླ་དྲུག་པའི་ཚེས་༢༥་ཉིན་བར་ཨ་རིའི་རྒྱལ་ས་མངའ་ཁུལ་དང་། མངའ་སྡེ་བཞི་ཡི་ནང་དུ་མཛད་འཕྲིན་སྐྱོང་རྒྱུ་ཡིན་པ་རེད།