རྒྱ་ནག་གིས་བརྟན་ལྷིང་སྲུང་སྐྱོང་གི་རྗོད་ཚིག་འོག་བོད་ནང་དྲག་གནོན་བྱེད་བཞིན་པའི་སྙན་ཐོ།

Your browser doesn’t support HTML5

དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་གཟའ་ཉི་མའི་ཉིན་འགྲེམ་སྤེལ་བྱས་པའི་སྙན་ཐོ་རིང་པོ་ཞིག་གི་ནང་། རྒྱ་ནག་གི་བརྟན་ལྷིང་སྲུང་སྐྱོང་ལས་འགུལ་འོག་བོད་མི་བཀག་ཉར་དང་ཁྲིམས་སྦྱོར་བྱེད་པའི་འཁོད་པ་དེའི་ནང་དོན་མདོར་བསྡུས་ཤིག་ངོ་སྤྲོད་ཞུ་རྒྱུ་ཡིན།