ཇར་མན་གྱི་གྲོས་ཚོགས་འཐུས་མི་ཞིག་ལ་རྒྱ་ནག་གིས་ཐོངས་མཆན་མ་སྤྲད་པ།

Your browser doesn’t support HTML5

རྒྱ་ནག་གཞུང་གིས་ཡུ་རོབ་རྒྱལ་ཁབ་ཇར་མན་ཎིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་རྒྱ་ནག་དང་བོད་ལ་ཕྱོགས་སྐྱོད་ཆོག་པའི་ཐོངས་མཆན་སྤྲད་མེད་པའི་གནས་ཚུལ་ཐོན་འདུག་ཅིང་། ཇར་མན་ཎིར་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་པ་ལྟར་ན་ཇར་མན་ཎིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་མེ་ཀལ་བྷར་ཊི་རྒྱ་ནག་དང་བོད་ས་ཁག་ཏུ་ཕེབས་རྩིས་ཡོད་ཀྱང་