བལ་ཡུལ་ལ་ས་འགུལ་བརྒྱུགས་ནས་ལོ་གཅིག་འཁོར་པ།
Your browser doesn’t support HTML5
སྔ་ལོ་བལ་ཡུལ་ལ་ས་འགུལ་བརྒྱུགས་ནས་གོད་ཆག་ཚབས་ཆེན་བྱུང་སྟེ་མི་རྒྱུ་ཟོག་གསུམ་ལ་བསམ་ཡུལ་ལས་འདས་པའི་གནོད་འཚེ་དང་དཀའ་སྡུག ཁང་པ་འཐོར་ཞིག་སོགས་ཐབས་རྡུགས་ཀྱི་གནས་ཚུལ་དེ་བྱུང་ནས་ལོ་གཅིག་ཏག་ཏག་ཕྱིན་ཡོད་ཅིང་། དེ་རིང་ཕྱི་ཟླ་༤་ཚེས་༢༥་ཉིན་བལ་ཡུལ་གྱི་རྒྱལ་ས་ཀཏེ་མེན་གྲུ་གྲོང་ཁྱེར་དུ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཁང་ཆེན་ཞིག་རོ་ཞིག་ཡོད་པ་དེའི་ཉེ་འགྲམ་དེར་ས་གནས་མི་མང་ཁག་འདུ་འཛོམས་དང་ན་ནིང་གི་ས་འགུལ་དེར་དྲན་གསོ་བྱས་ཏེ།