ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་རོ་ཤི་མའི་དྲན་རྟེན་ཁང་དུ་ཕེབས་པ།

Your browser doesn’t support HTML5

དེ་སྔ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཉི་ཧོང་གི་ཧི་རོ་ཤི་མ་གྲོང་ཁྱེར་ལ་ཨ་མི་རི་ཀས་རྡུལ་ཕྲན་འབར་རྡེལ་གཡུགས་ནས་ལོ་༧༢་འཁོར་ཡོད་ཅིང་། ཕྱི་ཚེས་༡༡་ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེ་རི་རྡུལ་ཕྲན་འབར་མདེལ་གཡུགས་ས་ཧི་རོ་ཤི་མའི་དྲན་རྟེན་འགྲེམ་སྟོན་ཁང་གཟིགས་ཞིབ་ཏུ་ཕེབས་ཏེ། ཁོང་གིས་འཛམ་གླིང་འདི་རྡུལ་ཕྲན་མཚོན་ཆ་མེད་པའི་གོ་ལ་ཞིག་ལ་བསྒྱུར་རྒྱུ་གལ་འགངས་ཆེན་པོ་ཡིན་ཞེས་ནན་བརྗོད་བྱས་ཡོད་པ་རེད།།