སྲིད་སྐྱོང་དང་ཚོགས་གཙོའི་གསར་འགོད་གསལ་བསྒྲགས།

Your browser doesn’t support HTML5

སྲིད་སྐྱོང་དང་ཚོགས་གཙོའི་གསར་འགོད་གསལ་བསྒྲགས།

ཕྱི་ཟླ་༤་ཚེས་༧་ཉིན་རྒྱ་གར་དྷ་རམ་ས་ལར་བཀའ་ཤག་སྐབས་བཅུ་བཞི་པའི་སྲིད་སྐྱོང་བློ་བཟང་སེངྒེ་དང་སྐབས་བཅོ་ལྔ་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀྱིས་མཉམ་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཁོང་རྣམ་པ་འདི་ལོ་སྲིད་སྐྱོང་གི་འོས་མིར་ལངས་པའི་བརྒྱུད་རིམ་ཁྲོད་དུ་མ་འགྲིགས་པ་དང མ་འཐུས་པ་བྱུང་ཡོད་པས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་སེལ་ཞུ་རྒྱུ་དང་། བོད་མི་དམངས་ལའང་དགོངས་དག་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་མ་ཟད། སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཀྱིས་ད་ནས་བཟུང་སྟེ་བོད་པ་ཚོ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་དགོས་པ་དང་། བོད་མི་རིགས་ཀྱི་གཅིག་སྒྲིལ་དང་མཐུན་སྒྲིལ་ལ་གནོད་པའི་ལས་འགུལ་གྱི་རིགས་མཐའ་དག་ངེས་པར་དུ་སྤེལ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་འབོད་སྐུལ་ནན་པོ་ཞུས་འདུག

Your browser doesn’t support HTML5

བཀའ་སྤྱིའི་གསར་འགོད་གསལ་བསྒྲགས།