གསར་འགོད་པ་སྒྲོལ་དཀར།

Your browser doesn’t support HTML5

བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་གནང་མྱོང་ཞིང་ཕྱིས་སུ་ཨ་རིར་ཕེབས་ཏེ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གསར་འཛུགས་གནང་བ་ནས་གསར་འགོད་པའི་ཕྱག་ལས་གནང་མཁན་སྒྲོལ་དཀར་ལགས་ནི། བོད་ཕྱི་ནང་གི་རླུང་འཕྲིན་གསན་མཁན་བོད་མི་ཚོས་༼གཏམ་གླེང་ཞལ་པར༽གྱི་ལེ་ཚན་གྱི་གཙོ་སྐྱོང་བ་ཞེས་རྒྱུས་མངའ་ཡོད་པའི་བོད་པའི་གསར་འགོད་པ་ཞིག་ཡིན། ལོ་ངོ་༢༠ཙམ་གྱི་སྔོན་ནས་གསར་འགོད་ལས་ཞོར་ལ་རྒྱལ་ས་ཝ་ཤིན་ཌོན་མངའ་ཁུལ་གྱི་བོད་ཕྲུག་ཚོར་གཟའ་ཉི་མར་བོད་ཡིག་ཀྱང་སློབ་ཁྲིད་བྱེད་བཞིན་ཡོད།