བོད་མི་མང་སྤྱི་འཐུས་ལྷན་ལྷན་ཚོགས་ཀྱིས་༢༠༡༦་དང་༢༠༡༧་གྱི་འགྲོ་གྲོན་བཀའ་འཁྲོལ།

Your browser doesn’t support HTML5

བཞུགས་སྒར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་མཐའ་མའི་ཐོག་ཏུ་རྩིས་ལོ་༢༠༡༦་དང་༢༠༡༧་ལོའི་གཏོང་ལེན་ཁྲིམས་ཡིག་སྤྱི་མོས་ཀྱི་ཐོག་ཏུ་གཏན་འབེབས་བྱུང་ཡོད་ཅིང་། ཐེངས་འདིའི་གྲོས་ཚོགས་ལྷན་ཚོགས་སུ་གྲོས་ཚོགས་འཐུས་མི་རྣམ་པ་དང་འཛིན་སྐྱོང་བཀའ་ཤག་གིས་བཀའ་བསྡུར་རིམ་པ་ཞིག་གནང་བའི་རྗེས་སུ་མཐར་༢༠༡༦་དང་༢༠༡༧་ལོའི་སྔོན་རྩིས་སུ་ཧིན་སྒོར་ས་ཡ་༢༢༤༠་ལྷག་གནང་རྒྱུར་གྲོས་ཚོགས་ཀྱིས་བཀའ་འཁྲོལ་གནང་ཡོད་པ་རེད།།