དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ལྡི་ལིར་ཆོས་འབྲེལ་གནང་ཡོད་པ།

Your browser doesn’t support HTML5

ཕྱི་ཟླ་༣པའི་ཚེས་༢༩འི་ཉིན་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་བསམ་ཡས་གླིང་བོད་མིའི་གཞིས་སྒར་དུ་དད་ལྡན་མང་ཚོགས་ཉིས་སྟོང་བརྒལ་བར་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ནས་བརྒྱུད་པའི་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཚེ་དབང་ལོ་བརྒྱ་མ་ཞེས་པ་དེ་བསྩལ་གནང་བ་དང་འབྲེལ་ བོད་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་སློབ་གནང་བ་དེ་དག་ཉིན་རེའི་འཚོ་བ་སྐྱེལ་བའི་སྐབས་ངེས་པར་དུ་སྒྲུབ་ཐུབ་པ་ཞིག་གནང་དགོས་པའི་འབོད་སྐུལ་གནང་བའི་སྐོར་