Your browser doesn’t support HTML5
རྨ་ལྷོ་སོག་རྫོང་གི་དགེ་འདུན་པ་ཞིག་བཙོན་ནས་སླད་ཀྱང་དགོན་པར་ཞུགས་མི་ཆོག་བརྗོད་པ།
སྤྱི་ལོ་༢༠༠༨་ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་སུ་འཛིན་བཟུང་བྱས་པའི་བོད་མདོ་སྨད་རྨ་ལྷོ་སོག་རྫོང་གི་དགེ་འདུན་པ་མཁས་གྲུབ་རྒྱ་མཚོ་ལགས་ལོ་༨་ཀྱི་རིང་བཙོན་འཇུག་མྱོང་བའི་རྗེས་སུ་གློད་བཀྲོལ་བཏང་ཡོད་པ་དང་། ཁོང་ད་ལྟ་དགོན་པའི་ནང་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་རེད། དེའི་སྐོར་ལ་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་ནང་ཡོད་པའི་ཁོང་གི་གཅེན་པོར་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་གནང་གི་རེད།