བསྟན་འཛིན་གཡུ་ལོ།

Your browser doesn’t support HTML5

བསྟན་འཛིན་གཡུ་ལོ་ལགས་ཀྱིས་རྒྱ་གར་གྱི་མངའ་སྡེ་ར་ཇེས་ཐན་གྱི་མཐོ་རིམ་སློབ་གྲྭ་ཞིག་ནས་ཚན་རིག་དང་སློབ་ཁྲིད་རིག་པར་མཐོ་རིམ་འཛིན་གྲྭ་ཐོན་རྗེས་ཏ་མིལ་ན་ཌུ་མངའ་སྡེའི་མཐོ་སློབ་ནང་ཨང་རྩིས་ལ་རིག་གཅིག་རྐང་འཛིན་གྱི་ཆེས་མཐོའི་བསླབ་པ་མཐར་སོན་ཏེ། ཅོན་ཏ་ར་བོད་ཁྱིམ་སློབ་གྲྭར་ཨང་རྩིས་དགེ་རྒན་གནང་འདུག་པ་དང་། མཐོ་རིམ་སློབ་གྲྭ་དེའི་ནང་ཆེས་མཐོའི་འཛིན་གྲྭའི་ཨང་རྩིས་ཚན་པའི་ནང་ཨང་རིམ་མཐོ་ཤོས་ལ་བསྟུད་མར་སོན་འདུག་པ་མ་ཟད། གསེར་གྱི་རྟགས་མ་ཡང་ཐོབ་ཡོད་པ་རེད།