བཙན་བྱོལ་བོད་མིས་དམངས་གཙོའི་འོས་བསྡུའི་ཐོག་ནས་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུ་གནང་བ།

Your browser doesn’t support HTML5

སྤྱི་ལོ་༢༠༡༦ལོའི་ཟླ་༣ཚེས་༢༠ཉིན་ནི་བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་ཡིན་པས། བོད་མིའི་སྒྲིག་འཛུགས་གནས་ཡུལ་བཞུགས་སྒར་རྡ་རམ་ས་ལར་འོས་བསྡུའི་ས་ཚིགས་བཅུ་ཆེད་བཙུགས་ཀྱིས་འོས་བསྡུ་གནང་ཡོད་པའི་ཐོག་ཚེས་༢༠ཉིན་བཙན་བྱོལ་བོད་མི་གནས་ཡུལ་ཡུལ་གྲུ་ཨའོ་སི་ཁྲོ་ལི་ཡ་ནས་ཐོག་མར་འོས་བསྡུ་དབུ་བཙུགས་གནང་ཞིང་། མཐར་ཨ་རིའི་ནུབ་ཕྱོགས་མངའ་ཁུལ་ནས་མཇུག་སྒྲིག་གནང་གི་ཡོད་འདུག