ཧོང་ཀོང་གི་ནང་རྒྱ་ནག་གིས་དམ་དྲག་བྱས་པར་ཨ་རིའི་སྲིད་འཛིན་གྱི་འོས་མི་རུ་པི་ཡོ་ཡིས་སྐྱོན་བརྗོད།

Your browser doesn’t support HTML5

རྒྱ་ནག་གཞུང་གིས་ཧོང་ཀོང་ས་གནས་གཞུང་ལ་ངོ་རྒོལ་བྱེད་མཁན་སློབ་ཕྲུག་དམངས་གཙོ་དོན་གཉེར་བའི་འགོ་ཁྲིད་ཞིག་ལ་ཁྲིམས་འགལ་གྱི་ཉེས་མིང་བཏགས་ཏེ་ས་གནས་དེའི་ནང་ཐབས་བྱུས་འདྲ་མིན་གྱི་སྒོ་ནས་དྲག་གནོན་དང་ སྡིག་སྐུལ་ལ་སོགས་པ་བྱས་པར་ཨ་མི་རི་ཀའི་སྲིད་འཛིན་གྱི་འོས་མི་མར་ཁོ་རུ་པི་ཡོ་ཡིས་སྐྱོན་བརྗོད་གནང་བའི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།