༧གོང་ས་མཆོག་གི་སྐུ་པར་བཤམས་པའི་རྐྱེན་གྱིས་འཛིན་བཟུང་བཙོན་འཇུག་བྱས་པ།

Your browser doesn’t support HTML5

རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་འདུན་པ་སྒོ་དམར་ཆོས་འཕེལ་ལགས་དགོན་པའི་གྲྭ་ཤག་ཏུ་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤམས་བྱེད་པའི་ནག་ཉེས་བཀལ་ཏེ་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ཟླ་བ་དགུ་ལྷག་ལ་བཀག་ཉར་བྱེད་པའི་རྗེས་ཁ་བྲལ་བའི་བྱ་སྤྱོད་སྤེལ་བའི་ནག་ཉེས་བཀལ་ཏེ་ལོ་གཉིས་ཀྱི་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་རེད།