འབར་མའི་གྲོས་ཚོགས་གསར་པ་དང་དམངས་གཙོའི་དུས་སྐབས་གསར་པ།

ཧན་ནིང་ཕྱི་ཟླ་༡༡་པར་འབར་མ་རྒྱལ་ཁབ་ལ་དམངས་གཙོའི་འོས་འདེམས་བྱས་པ་དང་། དེ་རིང་ཕྱི་ཟླ་༢་ཚེས་༡་ཉིན་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་འབར་མའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་ཚོགས་ཏེ། འདས་པའི་དུས་རབས་ཕྱེད་ཀ་ཙམ་གྱི་རིང་དུ་འབར་མ་རྒྱལ་ཁབ་ལ་དམག་གིས་དབང་སྒྱུར་བྱས་པ་དངོས་སུ་མཇུག་བསྒྲིལ་ཡོད་ཅིང་། སྔ་ལོའི་འོས་འདེམས་སྐབས་སུ་ཨང་སན་སུ་ཅིས་འགོ་ཁྲིད་པའི་འབར་མའི་དམངས་གཙོ་མནའ་འབྲེལ་ཚོགས་པར་གྲོགས་ཚོགས་འཐུས་མིའི་གདན་གྲངས་བརྒྱ་ཆ་༨༠་ལྷག་ཐོབ་སྟེ། འབར་མའི་དམག་གི་ཕྱོགས་གཏོགས་པའི་སྲིད་དོན་ཚོགས་པ་དེར་ཕམ་ཉེས་ཆེན་པོ་བྱུང་ཡོད་པ་རེད།

Your browser doesn’t support HTML5

འབར་མའི་གྲོས་ཚོགས་གསར་པ་དང་དམངས་གཙོའི་དུས་སྐབས་གསར་པ།