༧གོང་ས་མཆོག་ཨ་རིར་སྨན་བཅོས་ཆེད་ཕེབས་ཐོན་གནང་ཡོད་པ།

Your browser doesn’t support HTML5

དགའ་ལྡན་ཕོ་བྲང་གིས་གནས་ཚུལ་གསལ་བསྒྲགས་གནང་བའི་ནང་། ད་ལན་ཨ་རིའི་མངའ་སྡེ་མི་ནི་སོ་ཀྲའི་ གྲོང་ཁྱེར་རའོ་བྱད་སེ་གྲ་ནང་ཡོད་ མེ་ཡོ་སྨན་ཁང་ནང་༼Mayo Clinic༽prostate ལྒང་པའི་སྨན་བཅོས་དང་སྐུ་ངལ་ གསོ་རྒྱུ་བཅས་ཀྱི་སླད་ཟླ་བ་གཅིག་ཙམ་རིང་བཞུགས་རྒྱུའི་འཆར་གཞི་ཡོད་པ་དང་། དེ་རྗེས་ཕྱི་ཟླ་གསུམ་པའི་ནང་འཆར་ཆེན་གྱི་མཛད་འཆར་ཁག་རྒྱུན་སྐྱོང་གནང་རྒྱུ་ཡིན་པའི་སྐོར་གསལ་སྟོན་གནང་འདུག