སྒྲ་སྙན་རྡུང་ལེན་པ་ཞིག་གློད་གྲོལ་བཏང་འདུག

བོད་མདོ་སྨད་རྔ་པའི་སྒྲ་སྙན་རྡུང་ལེན་པ་དང་གླུ་གཞས་འོད་སྡེར་སྒྲིག་སྦྱོར་པ་པདྨ་རིག་འཛིན་ལགས་སྤྱི་ལོ་༢༠༡༣་ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ། ཁོང་ལ་ཆབ་སྲིད་དང་འབྲེལ་བའི་གླུ་གཞས་འོས་སྡེར་སྒྲིག་སྦྱོར་བྱས་པའི་ཉེས་འཛུགས་ཀྱིས་ལོ་གཉིས་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཅིང་། དེ་རིང་གནས་ཚུལ་ཐོན་པ་ལྟར་ན་པདྨ་རིག་འཛིན་ལགས་ཀྱི་བཙོན་འཇུག་གི་དུས་ཡུན་ཡོངས་སུ་ཚང་སྟེ་གློད་གྲོལ་བཏང་ཡོད་ཀྱང་། ཁོང་གི་འདྲ་པར་ལ་བལྟས་ན་ལོ་གཉིས་ཀྱི་གོང་གི་འདྲ་པར་ངོས་ཀྱི་པདྨ་རིག་འཛིན་དང་ད་ལྟའི་འདྲ་པར་ངོས་ཀྱི་པདྨ་རིག་འཛིན་གཉིས་གཏན་ནས་མི་འདྲ་བ་མ་ཟད། གློད་གྲོལ་ཐོབ་ཙམ་གྱི་པདྨ་རིག་འཛིན་ལགས་སྐམ་ཞིང་རིད་པར་གྱུར་ཡོད་འདུག

Your browser doesn’t support HTML5

སྒྲ་སྙན་རྡུང་ལེན་པ་ཞིག་གློད་གྲོལ་བཏང་འདུག