རྒྱ་གར་གྱིས་ར་ཤི་ཡའི་ས་ནས་ཐད་འཕུར་གནམ་གྲུ་ཉོ་རྒྱུའི་ཐག་གཅོད་བྱས་ཡོད་པ།

Your browser doesn’t support HTML5

རྒྱ་གར་གཞུང་གིས་ ར་ཤི་ཡེའི་ས་ནས་ཨ་སྒོར་འཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་གནས་པའི་ Mi-17 V5 རྟགས་ཅན་གྱི་ཐད་འཕུར་གནམ་གྲུ་བཞི་བཅུ་ཞེ་བརྒྱད་ཉོ་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་ ཐག་གཅོད་དེ་ནི་ རྒྱལ་སྲུང་བློན་ཆེན་མཱ་ནཱོ་ཧར་ པཱ་རི་ཀར་གྱིས་དབུ་ཁྲིད་པའི་རྒྱ་གར་གྱི་རྒྱལ་སྲུང་མཁོ་ཆས་ཉོ་སྒྲུབ་ལས་དོན་ཁང་གིས་གཟའ་འཁོར་སྔོན་མ་བྱས་པ་ཞིག་ཡིན་པ་རེད་