བསམ་གླིང་ཚེ་རིང་ལྷ་མོ།

Your browser doesn’t support HTML5

བོད་ཀྱི་སྤྱི་ཚོགས་ཁྲོད་དུ་བྱིས་པའི་སྒྲུང་འབྲི་མཁན་ ཧ་ཅང་ཉུང་ཉུང་ཡིན་པའི་ཁྲོད་ཀྱི་གཅིག་ཡིན་ལ། ད་བར་བོད་ཀྱི་བྱིས་པའི་སེམས་ཁམས་དང་མཐུན་པའི་བྱིས་པའི་སྒྲུང་དེབ་ལྔ་ དང་བྱིས་སྒྲུང་༢༠ལྷག་བོད་ཡིག་ནང་བསྒྱུར་ཏེ་དཔར་བསྐྲུན་བྱས་ཡོད། ཡང་ཚེ་རིང་ལྷ་མོ་ལགས་ནི་བུད་མེད་རྩོམ་པ་པོ་ཞིག་དང་ལྷག་པར་དུ་འདས་པའི་ལོ་ཤས་ ནང་དུ་བོད་ཕྱི་ནང་གི་དྲ་ལམ་དུ་སྙན་ངག་དང་བརྩམས་སྒྲུང་། ཡང་སྤྱི་ཚོགས་ཀྱི་གནད་དོན་ཐད་ཀྱི་གླེང་སློང་གི་རྩོམ་ཡིག་ཧ་ཅང་མང་པོ་ཞིག་སྤེལ་མྱོང་ཡོད།