རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཀ་ལམ་མཆོག

Your browser doesn’t support HTML5

གཟའ་པ་སངས་ཉིན་གྱི་ཀུན་གླེང་ལས་རིམ་དུ་ཕྱི་ཟླ་བདུན་པའི་ཚེས་༢༧་ཉིན་གློ་བུར་འདས་གྲོངས་སུ་གྱུར་བའི་རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨབ་དུལ་ཀ་ལམ་མཆོག་གི་མཛད་རྗེས་དང་། ༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་སྲིད་འཛིན་དམ་པ་ཁོང་གཉིས་ཀྱི་སྐུ་སྒེར་འབྲེལ་ལམ་ཐད། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་ལགས་དང་བགྲོ་གླེང་ཞུས་ཡོད།།