༧གོང་ས་མཆོག་གི་ལ་དྭགས་ནང་ཉིན་དང་པོའི་མཛད་འཆར།

Your browser doesn’t support HTML5

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ནང་པའི་དགོན་སྡེ་ཁག་གི་ནང་ཆོས་བགྲོ་གླེང་ཚོགས་འདུར་ཞབས་སོར་བཀོད་གནང་མཛད་འདུག་པ་མ་ཟད། ལ་དྭགས་གཞོན་ནུ་ཚའི་ལྷན་དུ་ནང་ཆོས་ཀྱི་ཚན་རིག་དང་ལྟ་གྲུབ་སྐོར་ལ་འདྲི་བ་དྲིས་ལན་གནང་འདུག ལ་དྭགས་དགོན་པ་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་བློ་བཟང་བསམ་གཏན་ལགས་ཀྱིས་གསུངས་དོན་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ཤས་གོང་བཀའ་སློབ་ཕེབས་དགོངས་བཞིན་ལ་དྭགས་ནང་འཇང་དགུན་ཆོས་ལྟ་བུ