ཨོ་སི་ཊི་ལི་ཡའི་མི་མང་སྟོང་ཕྲག་མང་པོས་༸གོང་ས་མཆོག་གི་བཀའ་སློབ་ཉན་པ།

Your browser doesn’t support HTML5

རེས་གཟའ་པ་སངས་ཉིན་༧གོང་ས་མཆོག་གིས་ཨོ་སི་ཊི་ཡའི་གྲོང་ཁྱེར་བི་སི་བན་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་གནང་བ་མ་ཟད། མི་མང་སྟོང་ཕྲག་བཞི་ལྷག་ལ་སྙིང་རྗེ་ཉམས་ལེན་གྱི་རྣམ་དཔྱོད་སོགས་ལས་འཕྲོས་པའི་གསུང་བཤད་གནང་སྟེ། མགོན་པོ་གང་ཉིད་ཨོ་སི་ཊི་ལི་ཡའི་གདོད་མའི་མི་རིགས་གནས་ཡུལ་དབུ་རུ་ལུ་ལ་ཕེབས་འབྱོར་གནང་ཡོད་པ་རེད།།