ཉེན་ཚབས་ཆེ་བའི་བཟི་སྨན་གསར་པའི་དཀའ་ངལ་ཞིག་ལ་གདོང་ལེན་བྱེད་བཞིན་ཡོད་པ།

ཨ་རིའི་མངའ་སྡེ་ཕོ་ལོར་ལི་ཊའི་ཉེན་རྟོག་པ་རྣམས་ཀྱིས། སེམས་ལ་འཁྲུལ་སྣང་ དང་སྟོབས་ཤུགས་གསར་པ་སྦྱིན་བྱེད་ཆེས་ཉེན་ཚབས་ཆེ་བའི་མྱོས་བྱེད་དུག་ རྫས་གསར་པ་ཞིག་བེད་སྤྱོད་བྱེད་མཁན་མང་པོ་ཡོད་པའི་དཀའ་ངལ་ཞིག་ལ་ གདོང་ལེན་བྱེད་བཞིན་པའི་སྐབས་འདིར། ཐོག་མའི་བྱུང་ཁུངས་རྒྱ་ནག་ཡིན་ པའི་ཆེས་ཉེན་ཚབས་ཆེ་བའི་རྫས་སྦྱོར་གྱིས་བཟོས་པའི་བཟི་སྨན་གསར་པ་ཞིག་གིས། མངའ་སྡེ་ཕོ་ལོར་ལི་ཊའི་རྫོང་སྡེ་གཅིག་གི་ནང་གཅིག་པོར་མི་གྲངས་ ༡༨ ལ་སྲོག་སྐྱོན་བྱུང་པའི་གནས་ཚུལ་བྱུང་ཡོད་པ་རེད། རེས་གཟའ་ཕུར་བུའི་ཉིན་མངའ་སྡེའི་ས་གནས་ཕོ་ལོ་གྲར་སྡེའོ་ ཡིའི་ཉེན་རྟོག་པས། སྲང་ལམ་ཁག་ཏུ་མིས་རྫས་སྦྱོར་ལས་བཟོས་པའི་ བཟི་སྨན་གྱིས་བཟི་འཐོམ་འཐོམ་ཆགས་པའི་མི་ཞིག་གིས། བེུད་གཅིག་བཙན་ འཁྲིད་བྱས་ཏེ། བེུད་དེའི་སྐེ་ལ་གྲི་བཙུགས་ཏེ་ཡོད་པའི་མི་དེར་མེ་མདའ་ བརྒྱབས་ཏེ་བསད་ཡོད་པ་དང་། རང་ལོ་༢༩ ལ་སོན་པའི་Javoris Washington ལ་མེ་མདའ་བརྒྱབས་ཏེ་སྲོག་སྐྱོན་གཏོང་དགོས་བྱུང་བའི་ གནས་ཚུལ་འདི་ནི། དེང་སྐབས་ཕོ་ལོར་ལི་ཊའི་ལྷོ་ཕྱོགས་ས་ཁུལ་ནང་གི་ཉེན་ རྟོག་པ་རྣམས་ཀྱིས། རྫས་སྦྱོར་ལས་བཟོས་པའི་བཟི་སྨན་བེད་སྤྱོད་བྱེད་མཁན་ ལ་གདོང་ལེན་བྱེད་པའི་གནས་ཚུལ་རིམ་པ་ཞིག་བྱུང་ཡོད་པ་ནས། གནས་ཚུལ་ གསར་ཤོས་དེ་ཆགས་ཡོད་པ་རེད།

Your browser doesn’t support HTML5

ཉེན་ཚབས་ཆེ་བའི་བཟི་སྨན་གསར་པའི་དཀའ་ངལ་ཞིག་ལ་གདོང་ལེན་བྱེད་བཞིན་ཡོད་པ།