རྒྱ་ནག་གཞུང་གིས་ཞིན་ཅང་དབྱི་ལི་ཁུལ་གྱི་མི་མང་གི་པ་སི་ཕྱིར་བསྡུ།

ཕྱི་ཟླ་༤་ཚེས་༣༠་ཉིན་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས། དབྱི་ལི་ཁུལ་གྱི་ས་གནས་སྲིད་གཞུང་གིས་མི་དམངས་ལ་བརྡ་ཁྱབ་ཅིག་བཀྲམ་སྟེ། ཕྱི་ཟླ་༥་ཚེས་༡༥་མི་འགྱངས་པར་ཁུལ་དེའི་མི་མང་གིས་སོ་སོའི་ཕྱི་སྐྱོད་ལག་འཁྱེར་རྣམས་ས་གནས་གཞུང་ལ་རྩིས་སྤྲོད་བྱ་དགོས་པ་དང་། མི་སུ་ཞིག་གིས་དུས་བཀག་དེའི་ནང་ཚུད་དུ་རང་གི་ཕྱི་སྐྱོད་ལག་འཁྱེར་ས་གཞུང་ལ་རྩིས་སྤྲོད་མ་བྱས་ཚེ། ང་ཚོ་ལག་འཁྱེར་ལས་ཁང་གིས་སྤྱི་བདེ་ལས་ཁང་ལ་འབྲེལ་བ་བྱས་ཏེ། ས་གནས་གཞུང་ལ་ལག་འཁྱེར་རྩིས་སྤྲོད་མ་བྱས་པའི་མི་མང་དེ་དག་གི་ཕྱི་སྐྱོད་ལག་འཁྱེར་རྣམས་བརྩི་མེད་གཏོང་དགོས་པའི་བརྡ་གཏོང་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད་ཅིང་། དབྱི་ལི་ཁུལ་གྱི་ཉེན་རྟོག་ལས་ཁང་གི་ལས་སྣེ་ཁ་ཧར་ཞེས་པ་ཞིག་ལ་གསར་འགོད་པས་ཁ་པར་བཏང་ནས་འདྲི་རྩད་བྱས་པ་དང་། ཁོང་གིས་དབྱི་ལི་ཁུལ་གྱི་མི་མང་ལ་རང་གི་ཕྱི་སྐྱོད་ལག་འཁྱེར་རྣམས་ས་གནས་གཞུང་ལ་རྩིས་སྤྲོད་བྱ་དགོས་ཞེས་བརྡ་ཁྱབ་བཏང་བ་བདེན་པ་ཡིན། བརྡ་ཁྱབ་དེ་དབྱི་ལི་ས་ཁུལ་གྱི་མི་རིགས་ལ་ཁྱད་པར་མེད་པར་ཡུལ་མི་ཡོངས་རྫོགས་ལ་ཁྱབ་ཡོད་ཅེས་ངེས་གཏན་བྱས་འདུག

Your browser doesn’t support HTML5

རྒྱ་ནག་གཞུང་གིས་ཞིན་ཅང་དབྱི་ལི་ཁུལ་གྱི་མི་མང་གི་པ་སི་ཕྱིར་བསྡུ།