བལ་ཡུལ་གྱི་སྲིད་བློན་དང་ས་ཡོམ་གྱི་གོད་ཆག

Your browser doesn’t support HTML5

སྲིད་བློན་སུ་ཤིལ་ཀོ་རེ་ལ་བལ་ཡུལ་ལ་ས་འགུལ་ཆེན་པོ་ཐེངས་གཉིས་པ་རྒྱུག་ས་དེར་གཟིགས་ཞིབ་ཏུ་ཕེབས་ཏེ། ཁོང་གིས་ང་ཚོས་ས་ཡོམ་གྱི་གནོད་འཚེ་ཆེན་པོ་འདི་འདྲ་ཞིག་གདོང་ལེན་བྱ་ཐུབ་པའི་གྲ་སྒྲིག་བྱས་མེད། བལ་ཡུལ་ལ་དབྱར་དུས་ཀྱི་ཆར་ཞོད་ཚུགས་གྲབས་ཡོད་པ་དང་། མི་མང་ལ་སྡོད་ཁང་མེད་པར་ས་སྟོང་དུ་ལུས་རྒྱུའི་ཉེན་ཀ་འདུག ང་ཚོར་གུར་དང་འགྱིག་ཤོག་སོགས་མི་མང་ལ་སྡོད་གནས་དགོས་ཀྱིན་འདུག ཆར་ཞོད་དུས་སུ་མི་དམངས་རྣམས་ཆར་པའི་ནང་དུ་འཚོ་ཐབས་མེད་ཅེས་སྡུག་སྐད་བརྒྱབ་ཡོད་པ་རེད།