བལ་ཡུལ་དང་ཇོ་མོ་གླང་མ།

Your browser doesn’t support HTML5

གཟའ་འཁོར་སྔོན་མར་བལ་ཡུལ་ལ་ཤིན་ཏུ་གཏོར་ཚབས་ཆེ་བའི་ས་ཡོམ་བརྒྱབ་སྟེ། ཇོ་མོ་གླང་མའི་སྟེང་དུ་གངས་རུད་བརྒྱབ་ནས་རི་འཛེག་པ་༡༨་རྐྱེན་འདས་སུ་ཕྱིན་ཡོད་པ་མ་ཟད། ཇོ་མོ་གླང་མའི་གངས་ལམ་སོགས་ལ་གཏོར་བཤིག་བྱུང་ཡོད་མོད། འོན་ཀྱང་རེས་གཟའ་ཟླ་བའི་ཉིན་བལ་ཡུལ་གཞུང་གིས་ཇོ་མོ་གླང་མ་སྒོ་ཕྱེས་ཡོད་ཅེས་གསལ་བསྒྲགས་བྱས་ཡོད་པ་རེད།།