སོག་རྫོང་དུ་དགེ་འདུན་པ་བདུན་འཛིན་བཟུང་བྱས་འདུག

Your browser doesn’t support HTML5

སྤྱི་ཟླ་གསུམ་པའི་ཚེས་བཅུ་བཞིའི་མཚན་མོ་སོག་ཙན་དན་དགོན་པའི་དགེ་འདུན་པ་བདུན་རྫོང་ཉེན་རྟོག་པས་གསང་བའི་ཐོག་ནས་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། གནས་ཚུལ་མཁོ་འདོན་པས་ངོ་སྤྲོད་བྱེད་པ་ལྟར་ན། སྤྱི་ཟླ་གསུམ་པའི་ཟླ་མགོ་ནས་ སོག་ཙན་དན་དགོན་པར་གསང་བའི་པར་ཆས་ལྔ་བཅུ་ཙམ་བཙུགས་ཏེ་དགོན་པའི་དགེ་འདུན་པ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོགས་ནན་མོ་བྱེད་བཞིན་ཡོད་པ་དང་ས་ཁུལ་འདིའི་བརྡ་འཕྲིན་ལ་དམ་དྲག་བྱེད་བཞིན་པ་རེད།