རྒྱ་ནག་གི་འཇིགས་སྐུལ་དང་མཐའ་ལྷུང་བཅའ་ཁྲིམས།
Your browser doesn’t support HTML5
༢༠༡༥་ལོའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་ཆེན་ཕྱི་ཟླ་༣་ཚེས་༥་ཉིན་འགོ་ཚུགས་ཡོད་ཅིང་། ད་ལོའི་ཚོགས་ཆེན་ཐོག་ཏུ་འཇིགས་རིང་སྐུལ་རིང་ལུགས་དང་མཐའ་ལྷུང་རིང་ལུགས་ལ་འཐབ་རྒོལ་གྱི་བཅའ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱ་འཆར་ཡོད་པས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གི་བཅའ་ཁྲིམས་དེ་དག་མི་དམངས་ཀྱི་ཆོས་དད་རང་དབང་དང་གཏམ་བརྗོད་རང་དབང་ལ་བརྩི་མེད་དང་།