བསོད་ནམས་དཔལ་མོ།

Your browser doesn’t support HTML5

ཨ་རིའི་མངའ་སྡེ་ཝ་ཤིན་ཀྲིན་དུ་བཞུགས་མཁན་བསོད་ནམས་དཔལ་མོ་ལགས་ཀྱིས་བོད་གཞུང་ཟློས་ཚོགས་ཚོགས་པའི་ནང་སྲོལ་རྒྱུན་འཁྲབ་སྟོན་སྒྱུ་རྩལ་ལ་སློབ་གཉེར་མཐར་ཕྱིན་གནང་ཡོད་པ་དང་། བོད་ཀྱི་ཟློས་གར་ཚོགས་པའི་ནང་ལྷ་མོའི་འཁྲབ་གཞུང་མང་པོའི་གལ་ཆེའི་མི་སྣ་གནང་སྟེ་འཛམ་གླིང་ཡུལ་གྲུ་གང་སར་འཁྲབ་སྟོན་གནང་ཡོད་པ་རེད། ང་ཚོས་བསོད་ནམས་དཔལ་མོ་ལགས་སུ་བཀའ་མོལ་ཞུ་རྒྱུ་ཡིན།